སྐུ་ཉིད་ཕེབས་པར་བཀྲ་ཤིས་བདེ་ལེགས་ཞུ།


ལྷ་བཟོ་བློ་གྲོས་ནི(སྤྱི་ལོ༡༨༣༡་་་་༡༩༡༩)དགུ་ཆུ་དལ་བ་རིང་མོ་ལྷུང་ལྷུང་དུ་བཞུར་བའི་རྒྱུད་སྒོ་དམར་སྟོང་སྡེ་རུ་རབ་བྱུང་བཅུ་བཞི་བའི་ལྕགས་ཡོས་ལོར་འཁྲུངས་ཤིང་། རབ་བྱུང་བཅོ་ལྔ་བའི་ས་ལུག་ལོར་རང་དགོན་ཏུ་འདུས། ཡབ་ཀྱི་མཚན་ལ་དཔལ་འབྱོར་ཟེར་ཞིང་བརྐོ་བཟོ་ལ་ཤིན་ཏུ་མཁས་པ་ཞིག་རེད། ཡབ་རྗེ་གསེར་ཁང་བ་དང་། སྒོ་དམར་གྲུབ་དབང་ཚང་། ཨ་རོལ་རིན་པོ་ཆེ་བཅས་ལ་ཆོས་འབྲེལ་ཟབ་ཅིང་། སྦྱིན་བདག་གཙོ་བོ་ཞིག་ཀྱང་ཡིན་ལ་ཆོས་དཔེ་དང་དཔར་རིས་ཆེས་མང་པོ་ཞིག་བརྐོས་མྱོང་། ད་དུང་མང་།


SONY DSC

SONY DSC

སྤྱི་ལོ༢༠༡༦ལོའི་ཟླ༡༠པའི་ཚེས༢༣ཉིན་སྒོ་དམར་ཤེས་རིག་གླིང་དབུ་བརྙེས་པའི་རྟེན་འབྲེལ་མཛད་སྒོ། ༧ཨ་ལགས་སྒོ་དམར་ཚང་གིས་ཤེས་རིག་གླིང་དབུ་འབྱེད་པ་དང་། དུས་ཚོད་ཉིས་གསུམ་རིང་ལ་བཀའ་སློབ་དང་དབང་ལུང་རྒྱས་པར་གསུངས་སོ།



lama        དེ་ཡང་སྒོ་དམར་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་མཐུ་སྟོབས་གྲགས་པ་མཆོག་ནི། ཤེལ་དཀར་ཞུན་མའི་རི་བོ་ཟླ་ཟེར་སྟོང་གི་འོད་ཀྱིས་སྒེག་པ་ལྟ་བུའི་གངས་རིའི་མུ་ཁྱུད་ཟླུམ་པོར་འཁྱིལ་ཞིང་འཕགས་མཆོག་ཕྱག་ན་པདྨོས་དགེ་ལེགས་ཀྱི་བྱིན་ཕབ་པའི་ཁ་བ་ཅན་གྱི་གནས་མཆོག་སྟེ། དབུས་གཙང་ཆོས་ཀྱི་ཆོལ་ཁའི་གྲོང་ཁྱེར་ལྷ་སའི་ཤར་ཕྱོགས་ད་ལྟའི་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་ར་ཡུལ་ཚོའི་ཁོངས་དབུ་རུ་ཀླུང་ཤོད་མདོའི་བྲག་རྡོག་གྲོང་ཚོ་ཞེས་བྱ་བར་བོད་རབ་བྱུང་བཅུ་དྲུག་པ་ལྕགས་ཕོ་སྤྲེལ་གྱི་ལོ་སྟེ་༡༩༨༠ལོར་གླིང་སྟོད་ཤར་བའི་ཁྱིམ་རྒྱུད་དུ་འཁྲུངས། གླིང་སྟོད་ཤར་བ་ཟེར་བའི་ཁྱིམ་རྒྱུད་གྱི་ལས་ལ་ཕྱོགས་པ། དགེ་བའི་ཆོས་ལ་དད་ཅིང་ཡུལ་མི་ཕན་ཚུན་དབར་མཐུན་སྒྲིལ་བྱེད་པ་སོགས་ལ་སྡེ་མི་ཡོངས་ཀྱིས་ཚད་མར་འཛིན་པ་ཞིག་ཡིན་པར་མ་ཟད། ཡུལ་ཕྱོགས་དེར་སྙན་པའི་གྲགས་པ་འབར་བའི་དགེ་བཤེས་ཆེན་མོ་བྱམས་པ་ཆོས་གྲགས་ཚང་། དཔེ་ཆ་བ་དབང་རྒྱལ། གངས་གྲོལ། བཀའ་རྒྱལ་བཅས་མང་དུ་ཡོད་ཀྱང་དགོས་དབང་གིས་དེ་ཙམ་གྱིས་འཐུས་པར་བྱས་སོ། ཁྱིམ་རྒྱུད་བཟང་བོ་འདིའི་ཁྱིམ་འཛིན་པའམ་གཞན་ཕན་ལྷག་བསམ་གྱིས་ཕྱུག་ཅིང་དགེ་སྦྱོར་ལ་རྟག་ཏུ་བརྩོན་པའི་དཀོན་མཆོག་ ད་དུང་མང་།



PowerPoint Presentation
མཁྲེགས་ཆས།(Hardware) གློག་ཀླད་ཀྱི་སྟེང་དུ་མཐོང་ཐུབ་པ་དང་རེག་ཐུབ་པའི་མ་ལག་གམ་འཕྲུལ་ཆས་རྣམས་ལ་མཁྲེགས་ཆས་ཟེར་གྱིན་ཡོད།
འཕྲུལ་སྒམ(System Unit)གློག་ཀླད་འཕྲུལ་ཆས་ཀྱི་མ་ལག་དང་གློག་སྐུད་སོགས་ལྡུག་སའི་སྒམ་ལ་ཟེར།
གཏག་མའམ་ཐེབ་གཞོང་།(Keyboard) གློག་ཀླད་ཀྱི་ནང་དུ་ཡི་གེ་འབྲི་བྱེད་དམ་གནས་ཚུལ་རྣམས་གློག་ཀླད་ཀྱི་ནང་དུ་སློབ་སྟོན་སོགས་བྱེད་སྤྱད་ཀྱི་འཕྲུལ་ཆས་ཤིག་ཡིན། ད་དུང་མང་།



རྩོམ་པ་པོ། ཚངས་དབང་དགེ་འདུན་བསྟན་པ།
འདིར་བཤད་པའི་༼ཚིག་གཏེར་རྒྱ་མཚོ༽་བྱ་བ་ནི། དགེ་རྒན་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་༼བོད་ཡིག་ཚིག་གཏེར་རྒྱ་མཚོ༽ བྱ་བ་དེ་ཡིན་ལ། དེ་ནི་ཉེ་ཆར་སི་ཁྲོན་དཔེ་སྐྲུན་ཚོགས་པ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ནས་བཀྲམ་ཞིང་། དེབ་ཆ་ཚང་ལ་སྟོད་ཆ་དང་། བར་ཆ། སྨད་ཆ་བཅས་དེབ་རྒན་གསུམ་གྱི་བདག་ཉིད་ཅན་ཞིག་གོ དཔེ་རིན་ལ་དམངས་སྒོར་360་ཡིན།
དགེ་རྒན་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་བོད་ཡིག་གི་ཚིག་མཛོད་ཆེན་མོ་ཞིག་རྩོམ་གིན་ཡོད་ཚུལ་ངས་སྔ་མོ་ནས་གོ་མྱོང་ལ། དུས་ནམ་ཞིག་ལ་མཇལ་ཐུབ་བམ་སྙམ་སྟེ་རེ་བའང་བཅངས་མྱོང་། ཉེ་ཆར་ཁྲིན་ཏུའུའི་བོད་ཀྱི་དཔེ་ཚོང་ཁང་ཞིག་ནས་ཚིག་གཏེར་འདི་འཚོང་གིན་ཡོད་པས། ཚམ་ཚོམ་ཅི་ཡང་མེད་པར་འཕྲལ་དུ་བླུས་པ་ཡིན།
ཉིན་འགའི་རྗེས་སུ་ཚིག་གཏེར་འདི་བམ་ཀློག་ཅིག་བྱས་པས། བློ་ཡུལ་ལས་འདས་པའིི་གནད་དོན་མང་པོ་ཞིག་མཐོང་བྱུང་། དེ་ནི་ཡོངས་གྲགས་ཀྱི་ཆད་ལྷག་དང་གཏགས་ནོར་ཙམ་གྱི་གནས་ཚུལ་ཙམ་མིན་པར། རྒྱུན་ཤེས་སྐོར་ཀྱི་གནད་དོན་མང་པོ་ཞིག་ལ་ནོར་འཁྲུལ་བྱུང་འདུག་པས་། སྟབས་ཤིག་ལ་རང་གིས་རང་ལའང་ཡིད་མ་ཆེས་པའི་ཁད་དུ་ལྷུང་། ད་དུང་མང་།



བུ་དགུ་ཚེ་གྲུབ།

༡ གཞན་གྱི་སྤྲོ་སྣང་དོན་དུ་དུས་བདའ་བ་ལས།
རང་ཉིད་སྟེང་དུ་དུས་ཚོད་མང་ཙམ་སྤྱད་ནས་མངོན་འགྱུར་བྱེད་ན་དགའ།

༢ མི་ལ་ཨུ་ཚུགས་ཅུང་དགོས་ལ།
ཨུ་ཚུགས་ཡོད་ན་ད་བཟོད་ངར་དེ་ཕྱི་རུ་བཏོན་ཐུབ་གི་རེད།

༣ ཁྱོད་ནས་འབད་པ་ལྡབ་འགྱུར་བྱེད་དགོས་ལ།
དེ་ལྟར་བྱས་ཚེ་ད་བཟོད་བྱ་བ་ཅི་བྱས་ཀྱང་ཤུགས་ཆེན་པོ་ཟད་དགོས་མ་རེད།

༤ རང་ཉིད་རང་གི་མི་ཚེའི་གཙོ་འཁྲབ་པ་བྱེད་དགོས་པ་ལས་གཞན་གྱི་མི་ཚེའི་ལྟད་མོ་བ་མ་བྱེད།



སྒོ་དམར་བ་བུ་དགུ་ཚེ་གྲུབ།

དུས་ཚོད་ཀྱི་ཅོང་སྒྲས
རང་ཡུལ་ལ་ལོག་པའི་གསལ་བརྡ་བཏང
ཁོ་བོའི་མི་ཚེ་ཁྲོད
ཐོབ་ཤོར་གྱི་མིག་ཆུ་ཡོད་ཀྱང
ངོ་གདོང་དམར་པོ
ང་ལ་བཞག་པའི་མདུན་བསྐྱོད་ཀྱི་ཁ་ཕྱོགས་ཡིན ད་དུང་མང་།



རྩོམ་པ་པོ……..ཚངས་དབང་དགེ་འདུན་བསྟན་པ།

སྒོ་དམར་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་ཚང་ནི། སྒོ་དམར་སྐུ་ཕྲེང་དྲུག་པ་ཡིན་ལ།
ཁོང་གི་འཁྲུངས་ཡུལ་ནི་མཚོ་སྔོན་པོ་བཀའ་འགྱུར་ཧ་ཡག་ཚོ་བ་བྱ་བ་དེ་ནས་འཁྲུངས། ལ་ལས་བཀའ་འགྱུར་སྔགས་པ་ཞྭ་སྐོར་ཚོ་བ་ཡིན་ཡང་ཟེར། འཁྲུངས་ལོ་མི་གསལ་ཡང་འདས་ལོ་ནི་སྤྱི་ལོ་༡༩༢༥་ལོ་ཡིན། ༼ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་རྣམ་ཐར༽་དུ། ད་དུང་མང་།