༼ མྱ་ངན་ཆོས་འཁོར་མ། ༽

ཤར་གངས་ཕྲུག
་་་་་་་་་་་ཆོས་གྲོགས་ཞིག་ལ།
ཨེ་མ་སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུ།།
མཐར་ཐུག་ཆོས་སྐུ་རིན་ཆེན་འཁོར་བའི་མྱི།།
འཁོར་བ་ཞེས་བྱ་འགྲོ་བ་རིགས་ཀྱི་གནས།།
ཀྱི་ཧུད་སྲིད་ཆགས་རིགས་འདི་སྡུག་གི་མཚོ།།

མི་རྟག་སྒྱུ་མའི་གྲོང་ཁྱེར་བག་གི་གྲུབ།།
ངོ་མཚར་གོ་ལ་ཟླུམ་པོ་ཆགས་ཀྱིས་འཇིགས།།
དལ་འབྱོར་མི་ལུས་རིན་ཆེན་དུག་གིས་འཇོམས།།
ཀྱི་ཧུད་སྡུག་བསྔལ་ཅན་གྱི་སྲོག་འདི་སྨེ།།
དལ་འབྱོར་གཙང་བའི་རྟ་མཆོག་ལ་ཞོན་མཆོག།
མ་རིག་ཁམས་ནས་མི་ཡི་ཚེ་འདིར་སྐྱོ།།
བྱ་དང་དངོོས་དང་དུས་སོགས་འདས་བའི་ཆོས།།
ཀྱི་ཧུད་སྡུག་བསྔལ་ཅན་གྱི་གནས་འདི་བཙོག།
ཤ་ཁྲག་མི་ལུས་རིན་ཆེན་རྡུལ་གྱིས་གྲུབ།།
གཤིན་རྗེས་ཐོག་མདའ་འཕེན་པ་གློག་དམར་མཚུངས།།
འཇིག་རྟེན་པ་ལ་སྡུག་བསྔལ་གསུམ་གྱིས་གབ།།
ཀྱེ་མ་ཀྱེ་མ་མྱ་ངན་འདས་བའོ།།
བཀོད་སྒྲུགས་མེད་པའི་སྔོན་གྱི་ལས་དབང་གིས།།
ཐོས་བསམ་ནོར་བུའི་གླིང་ནས་འཕྲད་པར་ཀྱེ།།
དེ་རིང་ཁྱེད་ཉིད་བཞུར་བ་གཤིན་རྗེས་བཀའ།།
ཀྱི་ཧུད་སྤྲོ་མེད་མིག་ཆུ་དབང་མེད་ཤོར།།
ཨེ་མ་ལམ་སྟོན་སངས་རྒྱས་སྤྱན་རས་གཟིགས།།
འཁོར་བའི་རྒྱ་མཚོ་བྲལ་བའི་ཆོས་ཀྱི་གྲོགས།།
དགའ་ལྡན་ཆོས་ཀྱི་ཞིང་དུ་ཁྲིད་པར་ཤོག།
མགོན་པོ་འོད་དཔག་མེད་དང་མཇལ་བར་ཤོག།
༢༠༡༣/༦/༢༤ཉིན་རོང་བོ་དགོན་ཆེན་ནས།



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,