མཁའ་རྒྱལ་གྱིས
དེང་སྐབས་སྤྱི་ཚོགས་ཡར་རྒྱས་ཀྱི་འཕེལ་རིམ་ཁྲོད་དུ་ང་ཚོའི་འཚོ་བ་ཡང་དེ་ནང་བཞིན་ཇེ་རྒྱས་ཇེ་ལེགས་སུ་འགྲོ་དང་འགྲོ་བཞིན་ཡོད་པ་མངོན་གསལ་དོད་པོ་རེད། དེར་བརྟེན། མི་ཕལ་ཆེ་བ་ཞིག་གི་ལག་ཏུ་གློག་ཀླད་ཡོད་པ་སྨོས་ཅི་དགོས།ཡིན་ནའང་། གློག་ཀླད་བཀོད་སྤྱོད་ཀྱི་རྒྱུན་ཤེས་ཅུང་ཙམ་མེད་ཚེ་གློག་ཀླད་བཟུང་རུང་བེད་སྤྱོད་བྱེད་དུས་དཀའ་ངལ་རབ་དང་རིམ་པ་མང་པོ་ཞིག་འབྱུང་སྲིད་ངེས། སྤྱིར་གློག་ཀླད་གང་དང་གང་ཡིན་རུང་རྨང་གཞིའི་ཤེས་བྱ་ཚང་མ་གཅིག་མཚུངས་རེད། དེ་ལས་མི་འདྲ་ས་གཅིག་ནི་ཀུ་ཤུ་རྟགས་ཅན་གྱི་གློད་ཀླད་རེད་འདུག་མོད།འོན་ཀྱང་། ཁྱེད་རང་དབྱིན་ཡིག་ཅུང་ཙམ་ཤེས་ཚེ་དཀའ་ངལ་ཆེན་པོ་ཡོད་མི་སྲིད། གང་ལྟར་ཀྱང་གློག་ཀླད་གང་བཟུང་ནའང་དེ་ལ་བརྟེན་པའི་རྒྱུན་ཤེས་སམ་ཡང་ན་རྨང་གཞི་ཏོག་ཙམ་མེད་ཚེ་རྒྱུན་རིང་ཞིག་ལ་བཀོལ་སྤྱོད་བྱེད་མི་ཐུབ་པ་ཐག་གཅོད་རེད། དཔེར་ན་ནད་འབུ་འགེབས་སྲུང་དང་། གློག་སྒོ་རྒྱག་སྟངས། མ་ལག་གསར་བླུག་དང་རྙིང་བ་གསུབ་སྟངས་སོགས་མ་ཤེས་ཚེ། ད་གཟོད་གློག་ཀླད་ལ་ཆག་སྐྱོན་མང་པོ་ཞིག་ཡོང་ངེས་རེད། གལ་སྲིད་གློག་ཀླད་བེད་སྤྱོད་བྱེད་མཁན་ཞིག་ཡིན་ན་ངེས་པར་ཏུ་རྒྱུན་ཤེས་དེ་དག་ཤེས་དགོས།གལ་སྲིད་གློག་བརྙན་བལྟ་མཁན་དང་ཆ་འཕྲིན་རྩེད་མཁན་ཞིག་ཡིན་ན་གོང་གི་རྒྱུན་ཤེས་དེ་དག་ཚང་མ་མ་ཤེས་རུང་སྐྱོན་མིན་འདུག
གོང་གི་དེ་དག་རེ་རེ་བཞིན་ཅུང་ཙམ་བརྗོད་ན།
ང་ཚོས་ཅི་ཞིག་ལ་ནད་འབུ་འགེབས་སྲུང་ཉོ་དགོས་སམ། དེ་བེད་སྤྱོད་མ་བྱོས་ན་འགྲིག་གམ་ཞེས་དྲི་བ་ཞིག་སླེབས་ངེས་ཡིན། དེང་ཐོག་གློག་ཀློད་བཟོ་བའི་སྐབས་སུ་ནད་འབུའམ་དུག་འབུ་ཞེས་པ་ཞིག་མེད་པ་འདྲ་ལ། དུས་ནམ་ཞིག་ནས་དར་བ་རེད་ཟེར་ན་ང་ལ་གསལ་བོ་བརྗོད་ཀྱི་མེད། ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་མ་གཏོགས་གཞན་ཚང་མའི་ནང་ལ་ནད་འབུའམ་དུག་འབུ་འཛུལ་བྱེད་ཀྱི་མ་ལག་ཅིག་བཟོས་ཡོད་པ་རེད། དྲང་མོར་བཤད་ན་གློག་ཀླད་བཟོ་གྲྭ་གང་དང་གང་ཡིན་རུང་དུག་འབུ་མི་འཛུལ་པའི་ལག་རྩལ་ཡོད་མོད། ཡིན་ནའང་། ཁོང་ཚོས་ཚོང་དང་སྒོར་མོ་ལ་བསམ་བློ་བཏང་ནས་དེ་འདྲའི་ཐབས་སྐྱོ་བའི་མ་ལག་ཅིག་བཟོས་ཡོད་པ་རེད།གློག་ཀླད་བཟོ་མཁན་བཟོ་གྲྭ་དང་དྲ་ཐོག་ནས་ཡིག་ཆ་རྐུ་མཁན་ཚོ་ལྷན་དུ་ཁོག་འདྲེས་ཡོད་པ་རེད།ཡིག་ཆ་མང་ཆེ་ཤོས་དུག་འབུ་ནང་ནས་རྐུས་ཤོར་འགྲི་ཡི་ཡོད། དཔེར་ན། ང་ཚོའི་ཡིག་སྒམ་ནང་ལ་ནད་འབུ་འཛུལ་ནས་ཁ་འབྱེད་ཀྱི་མེད་དུས་ང་ཚོས་དེ་མ་ཐག་གད་སྙིགས་ནང་ལ་བླུགས་ཀྱི་ཡོད།རྐུ་མ་རྒྱག་མཁན་ཚོས་གད་སྙིགས་ནང་ནས་ཡིག་ཆ་ཚང་མ་ལེན་གྱི་ཡོད་པ་རེད། དེ་འདྲ་སོང་ཙང་ང་ཚོ་ངེས་པར་ཏུ་ནད་འབུ་འགོག་བྱེད་ཀྱི་ཅ་ལག་ཡག་པོ་ཞིག་ཉོ་དགོས། དྲ་ཚིགས་སྟེང་རིན་པ་མི་དགོས་པར་ནད་འབུ་འགོག་བྱེད་ཀྱི་ཅ་ལག་ཡོད་པ་རེད། ཡིན་ནའང་། དེ་ཚོས་ནུས་ཤུགས་ཆེ་བའི་ནད་འབུའི་རིགས་འགོག་མི་ཐུབ། ནད་འབུ་འགོག་བྱེད་ཀྱི་མ་ལག་དེའི་ནང་ལ་ཐ་སྙད་མང་པོ་ཞིག་ཡོད་པ་རེད། ང་ཚོ་དེ་དག་ཚང་མ་མ་ཤེས་རུང་ཁ་ཤས་ཤིག་ངེས་པར་ཏུ་ཤེས་དགོས།དཔེར་ན།(Threats–ནད་འབུ་ཡོད་མེད།) (Scan—གཙང་མ་བཟོ་བ) (Databases-update—or fix-up grateགཏན་འཇགས་བཟོ་བ།)ལ་སོགས་པ་ང་ཚོས་ངེས་པར་ཏུ་ཤེས་རྒྱུ་ཧ་ཅང་གལ།
གློག་སྒོ་རྒྱག་སྟངས་སྐོར།
སྤྱིར་གློག་སྒོ་རྒྱག་སྟངས་ལས་སླ་མོ་ཞིག་རེད།ཡིན་ནའང་དེའི་ནང་ལ་ཡང་ཐ་སྙད་མི་ཉུང་བ་ཞིག་ཡོད་པ་རེད།དཔེར་ན།( shutdown) (switch user) (log off) ( lock)(restart) (sleep)(shutdown) འདི་མནན་ན་གློག་ཀླད་ཀྱི་མ་གཞིའི་ནང་གི་གློག་ཚང་མ་བསད་འགྲོ(restart)འདི་ཡིན་ན། གློག་ཀླད་མ་ལག་ཚང་མའི་འགུལ་སྐྱོད་མཚམས་བཞག་སྟེ་བསྐྱར་དུ་གློག་སྒོ་རང་ཤུགས་ཀྱིས་འབྱེད་པ་ཞིགཡིན་ནའང་། དེ་བེད་སྤྱོད་ཧ་ཅང་ཆེན་པོ་ཡོད།གལ་སྲིད་ང་ཚོས་གློག་ཀླད་ནང་ལ་མ་ལག་ཅིག་བླུགས་ཚར་བའི་རྗེས་ལ་ངེས་པར་ཏུ་(restart)འདི་ལ་ཐེངས་གཅིག་མནན་ན་ཧ་ཅང་ཡགརྒྱུ་མཚན་གང་ཡིན་ཟེར་ན་མ་ལག་ཚང་ཡོད་མེད་ལ་ཞིབ་བཤེར་ཞིག་བྱས་ཡོད་པ་དང་། གལ་སྲིད་མ་ལག་ཚང་མེད་ཚེ་གློག་ཀླད་ཁ་ཕྱེ་མ་ཐག་བརྡ་འཕྲིན་ཞིག་ཡོང་གི་ཡོད་པ་རེད། བརྡ་འཕྲིན་གང་ཡང་མ་ཐོན་ཚེ་མ་ལག་བླུགས་པ་ལེགས་འགྲུབ་བྱུང་བ་རེད།
(log off)ཞེས་པ་དེ་ཕལ་ཆེར(restart)དང་འདྲ་བོ་ཡིན།དེ་གཉིས་ཀྱི་ཁྱད་པར་སྟེ་གློག་གི་ནུས་ཤུགས་ཆེ་ཆུང་མ་གཏོགས་གང་ཡང་མེད།
(sleep) ཡིན་ན་ང་ཚོས་ཆུ་ཚོད་ཁ་ཤས་ཤིག་ལ་ངལ་གསོ་བྱེད་སྐབས་དེ་བེད་སྤྱོད་བཏང་ན་ཧ་ཅང་སྟབས་བདེ་ཡིན་པ་མ་ཟད།གློག་ཀླད་ལ་ཡང་གནོད་སྐྱོན་གང་ཡང་མི་འབྱུང་། གལ་སྲིད་ཁྱེད་རང་གིས་གློག་ཀླད་རྒྱུན་རིང་པོར་བཀོད་སྤྱོད་བྱེད་མི་དགོས་པ་བྱུང་ཚེ་ངེས་བར་ཏུ་(shutdown) གློག་སྒོ་ཁ་རྒྱག་དགོས།ཡིན་ནའང་ཀུ་ཤུ་རྟགས་ཅན་ཡིན་ན་གློག་སྒོ་མ་རྒྱབ་རུང་ཞེ་དྲག་སྐྱོན་མེད་པ་འདྲ། ང་ཚོས་གློག་ཀླད་བེད་སྤྱོད་གཏོང་བའི་སྐབས་སུ་གློག་ཀླད་འོག་ཏུ་མཁྲེགས་པོ་རིགས་འཇོག་རྒྱུ་མ་གཏོགས་སོབ་སོབ་རིགས་གཏན་ནས་འཇོག་མི་ཉན།གང་ཡིན་ཟེར་ན།གློག་ཀླད་ནང་གི་རླུང་འཁོར་ལ་སྐྱོན་ཤོར་ཚེ་ལམ་སང་གློག་ཀླད་ནང་གི་ཨ་མ་དེ་ལ་གནོད་སྐྱོན་ཐེབས་འགྲོདེར་བརྟེན་ང་ཚོས་ངེས་པར་ཏུ་རྒྱུན་ཤེས་དེ་དག་ཤེས་དགོས་པར་དོ་སྣང་བྱེད་པའི་རེ་སྐུལ་ཞུས་པ་ཞིག