དགེ་འདུན་ཆོས་འཕེལ།

རྩོམ་པ་པོ། འབྲུག་བྱམས་མཁར།
ཁྱེད་རང་ངུ་ངག་གི་དབྱངས་རྟ་དང་ལྷན་དུ།
ཨ་མའི་མངལ་ནས་སྐྱེས་ལ།
ཆུང་བྱིས་པའི་རྣམ་དག་གི་དགོད་སྒྲ་དང་མཉམ་དུ།
ཨ་ཕའི་འགྲམ་ནས་དབྱངས་གསལ་འབྲི་ཀློག་བྱས།
ཁྱེད་རང་རྒྱུ་འབྲས་སྐྱོང་བའི་གཞིས་ཁྱིམ་དང་མཉམ་དུ།
རྒྱལ་ཁམས་ཀྱང་འགྲིམས་མྱོང་ལ།
གངས་དཀར་ལྷུན་པོའི་གནས་ཡུལ་དང་།
གཙང་ཆབ་སྔོན་མོའི་འབྱུང་ཁུངས་ཡིན།
གནས་དེ་ནས
ཁྱེད་ཀྱིས་རོ་དྲུག་གི་བདུད་རྩི་ཟས་སུ་རོལ་མྱོང་ལ།
ནང་བསྟན་གྱི་རིག་གཞུང་རྟོགས་སད་ཀྱི་གླུ་རུའང་ལེན་མྱོང་།
གནས་དེ་རུ།
ཁྱེད་ཀྱིས་ཞི་དུལ་བག་ཡོད་ཀྱི་གོམས་གཤིས་དཔྱད་མྱོང་ལ།
བློ་དཀར་རྒན་པོའི་ཉམས་མྱོང་ཡང་བསྡུ་མྱོང་།
ཁྱེད་ཀྱིས་གནའ་བོའི་མཁར་རྙིང་ལ།
འབོད་སྐུལ་གསར་བའི་ཅོང་སྒྲ་གྲོལ།
ཁྱེད་ཀྱིས་བདེན་དོན་གྱི་བུ་ཆུང་ལ།
རྣམ་དཔྱོད་ཀྱི་གླུ་ཆུང་བླངས།
སོས་མེད་ཀྱི་རྨ་ཁ་ཆེན་པོ་ཞིག་གིས།
འཇིག་རྟེན་ནས་སྐྱེལ་མ་བྱས་པ་ཡིད་རེ་སྐྱོ།



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,