མཚར་སྡུག་གི་ལོ་ཟླ།

སྒོ་དམར་བ་བུ་དགུ་ཚེ་གྲུབ།

དུས་ཚོད་ཀྱི་ཅོང་སྒྲས
རང་ཡུལ་ལ་ལོག་པའི་གསལ་བརྡ་བཏང
ཁོ་བོའི་མི་ཚེ་ཁྲོད
ཐོབ་ཤོར་གྱི་མིག་ཆུ་ཡོད་ཀྱང
ངོ་གདོང་དམར་པོ
ང་ལ་བཞག་པའི་མདུན་བསྐྱོད་ཀྱི་ཁ་ཕྱོགས་ཡིན

ལོ་ཟླའི་གཤེད་མ
ཐོབ་སོང་བ་ཡོད་ཚད་ཤོར་དུ་བཅུག་ཀྱང
ངལ་དུབ་ཀྱི་མིག་ཟུང་ནང
ད་དུང་རེ་སྨོན་སྟོང་གིས་བཀང་ཡོད

དེ་རིང
སྐམ་ལ་རིད་པའི་རོ་སྐམ་འདི་ཡིས
མཚར་སྡུག་ལྡན་པའི་ལོ་ཟླ་བསུ
ཆར་རླུང་གི་ཆག་འཇིགས་ཁྲོད
རང་དབང་དེར་དམ་དུ་འཁྱུད

ཡིད་ཆས་དང་བརྩོན་སེམས དཔའ་སྤོབས
རྙིང་དྲག་པའི་ལོ་ཟླའི་མགོ་རྟིང་བསློགས་ཐུབ་ཀྱང
ཁ་ཕྱོགས་གསར་བ་ཞིག་ལ་དབུ་འཁྱུད་འབྲི་ཐུབ་ཀྱང
དོན་ངོ་མར
སུ་ཞིག་ལ་སྙིང་སྟོབས་དེ་ཡོད་སོང་ཨང

དཀར་དམར་ངོ་མདོག་གི་མཚམས་ཐིག་དེར
ཁྱོད་ཤི་ང་རྒྱལ་གྱི་འཐབ་ར་དེར
ང་མཐོ་ཁྱོད་དམན་གྱི་གཞིས་ཁྱིམ་དེར
ཞི་དུལ་གྱི་མེ་ཏོག་རྐང་གཅིག་བཏབ་ན
གཅེས་སྐྱོང་གི་ལག་ཟུང་གིས
མཛེས་སྡུག་ཞིག་ཅིས་ཀྱང་གནངས་རོགས



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,