རིག་གནས་ནི་འགྲོ་བ་མིའི་ཤེས་རབ་སྐྱེད་བྱེད་ཀྱི་རྩལ་ནུས་ཤིག་ཡིན།

རྩོམ་པ་པོ།….སྟོབས།

རིག་གནས་ཞེས་པ་ནི་འགྲོ་བ་མིའི་ཤེས་རབ་སྐྱེད་བྱེད་ཀྱི་རྩལ་ནུས་ཁྱད་པར་བ་ཞིག་ཡིན། དེ་ལ་རིག་ཚན་མང་དུ་མཆིས་ཀྱང་སྤྱིའི་ཆ་ནས་དེ་ལྟར་བརྗོད་ཆོག་པ་ཡིན། སྐྱེ་བོ་སུ་ཞིག་གིས་སློབ་གཉེར་བྱེད་པ་ནི་རང་ཉིད་ལ་ཤེས་རབ་ཅིག་འཚོལ་བསྡུ་བྱེད་པ་ཡིན་ལ། སྐྱེ་བོ་གང་ཞིག་གིས་ཤེས་ཡོན་ཅན་དུ་གཏོང་བ་ནི་རང་ཉིད་འཇོན་ནུས་ཅན་གྱི་སྐྱེས་བུ་ཞིག་ཏུ་གཏོང་བ་ལས་གཞན་གང་ཡང་མ་ཡིན། དཔལ་ཆོས་ཀྱི་གྲགས་པས༼དོན་དང་དོན་མ་ཡིརྩོམ་པ་པོ།….སྟོབས། རིག་གནས་ཞེས་པ་ནི་འགྲོ་བ་མིའི་ཤེས་རབ་སྐྱེད་བྱེད་ཀྱི་རྩལ་ནུས་ཁྱད་པར་བ་ཞིག་ཡིན། དེ་ལ་རིག་ཚན་མང་དུ་མཆིས་ཀྱང་སྤྱིའི་ཆ་ནས་དེ་ལྟར་བརྗོད་ཆོག་པ་ཡིན། སྐྱེ་བོ་སུ་ཞིག་གིས་སློབ་གཉེར་བྱེད་པ་ནི་རང་ཉིད་ལ་ཤེས་རབ་ཅིག་འཚོལ་བསྡུ་བྱེད་པ་ཡིན་ལ། སྐྱེ་བོ་གང་ཞིག་གིས་ཤེས་ཡོན་ཅན་དུ་གཏོང་བ་ནི་རང་ཉིད་འཇོན་ནུས་ཅན་གྱི་སྐྱེས་བུ་ཞིག་ཏུ་གཏོང་བ་ལས་གཞན་གང་ཡང་མ་ཡིན། དཔལ་ཆོས་ཀྱི་གྲགས་པས༼དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པའི་ཕྱིར༽ཞེས་གསུངས་པ་དེ་བཞིན་དུ། ༼ དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི༽རིག་པའམ་ཤེས་རབ་ལ་རག་ལས་པས་ན་སློབ་གཉེར་ནི་ངེས་པར་དུ་བྱ་དགོས་པ་ཞིག་རེད། སློབ་གཉེར་བྱེད་པ་ནི་ཤེས་རབ་འཚོལ་བ་ཡིན་ཕྱིར་ཐར་བ་དང་ཐམས་ཅད་མཁྱེན་པ་འདོད་མཁན་ཞིག་ཡིན་ཀྱང་དེ་སྒྲུབ་བྱེད་ཀྱི་ཤེས་རབ་འཚོལ་བ་ཡིན་ལ། དེ་ལས་གཞན་གང་ཞིག་འདོད་ཀྱང་དེ་སྒྲུབ་པའི་རིག་པ་ཞིག་འཚོལ་བ་ཡིན། ད་དུང་གཞན་ཞིག་ནས་བཤད་ན་དེང་སྐབས་ཀྱི་འཚོ་བ་ནི་སྔོན་མའི་སྤྱི་ཚོགས་དང་ཡེ་ནས་མི་འདྲ་སྟེ་འཚོ་བའི་སྤྱོད་སྒོ་མཐའ་དག་རིག་གནས་ཀྱི་ལམ་བུ་རྐྱང་བར་ཕྱིན་ཡོད་པས་ན་རིག་པ་མ་སྦྱངས་པ་ཞིག་གིས་ནི་སོ་སོའི་འཚོ་བ་ཡང་སྟབས་བདེའི་ངང་བསྐྱལ་མི་ཐུབ་པའི་གནས་སུ་གྱར་འདུག་པས༼སློབ་སྦྱོང་བྱེད་དུས་ཀྱི་དཀའ་སྡུག་ནི་གནས་སྐབས་ཙམ་དང་། ཅི་ཡང་མ་བསླབས་པའི་དཀའ་སྡུག་ནི་མི་ཚེ་གང་ཡིན།༽ཞེས་པ་ལྟ་བུ་ཡིན། མི་རིགས་སོ་སོའི་རིག་གནས་མ་འདྲ་བ་དང་ཡང་ན་མི་སྒེར་སོ་སོས་སློབ་གསོ་མྱངས་དང་མ་མྱངས་པའི་དབང་གིས་བསམ་ཚུལ་དང་དྲན་ཚུལ། བསམ་བློའི་སྤུས་ཚད་དང་འདུ་ཤེས་འཛིན་སྟངས་སོགས་མི་འདྲ་བ་དུ་མ་འབྱུང་གིན་འདུག རྒྱུ་མཚན་དེ་ཕྱིར་རིག་གནས་ནི་མིའི་རིགས་ཀྱི་ཤེས་རྟོགས་འཕེལ་བྱེད་ཅིག་དང་བསམ་བློ་སྒྱུར་བྱེད་ཅིག་ཡིན་པར་ངོས་ཟིན་དམ་པོ་རྙེད་ཐུབ་པ་ཡིན། འོན་ཀྱང་རིག་གནས་སམ་ཤེས་རབ་དེ་ནི་རྩལ་ནུས་ཤིག་ཡིན་སྟབས་དགེ་ཕྱོགས་དང་ངན་ཕྱོགས་གང་ཞིག་ཏུ་བཀོལ་རྒྱུ་ནི་མི་བུ་རང་ཉིད་ཀྱི་བསམ་བློ་ལ་རག་ལས་ཡོད་པ་ལས་རིག་གནས་ཀྱི་ངོ་བོའི་ཆ་ན་དགེ་བ་དང་མི་དགེ་བ་ཞེས་མེད་པར་སྣང་། མདོར་དྲིལ་ན། རིག་གནས་སྦྱོང་བ་ནི་འཇིག་རྟེན་གྱི་བླང་དོར་རྣམ་པར་འབྱེད་པའི་རྣམ་དཔྱོད་ཅིག་དང་ཡང་ན་ཡང་དག་པའི་གནས་ལུགས་མཐོང་བའི་བློ་མིག་ཅིག་འཚོལ་བ་དེ་ཡིན། ད་དུང་ཆུང་ས་ནས་བཤད་པ་ཡིན་ན་རིག་གནས་བྱ་བ་ནི་སྐྱེ་བོ་སོ་སོས་རང་ཉིད་ཀྱི་འཚོ་བ་སྟབས་བདེའི་ངང་སྐྱེལ་བྱེད་ཀྱི་ལག་ཆ་ཞིག་ཏུ་བརྗོད་ནའང་ཧ་ཅང་འོས་པར་སྣང་། རྗེ་བཙུན་ཙོང་ཁ་བ་ཆེན་པོས༼གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན།།ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང།།སྲིད་པའི་རྩ་བ་གཅོད་པར་མི་ནུས་པས།།དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད།།༽ཅེས་གསུངས་པ་དེ་བཞིན་ནོ།། འོན་ཀྱང་འདིས་ཐད་ཀར་དུ་བསྟན་པའི་གོ་བ་ནི་ཆོས་ལུགས་ལྟ་གྲུབ་ཀྱི་སྒོམ་རིམ་ཞིག་ཡིན་མོད། འཇིག་རྟེན་པ་ཞིག་གི་མི་ཚེའི་བགྲོད་སྟངས་ལ་སྦྱར་ནའང་ཧ་ཅང་གོ་རྒྱུའི་གནད་ཆེ་སྟེ། སྐྱེ་བོ་སུ་ཞིག་དོན་ཕྲན་ཚེགས་གང་ལ་འཕྲད་ཀྱང་རིག་པ་ཞིག་མེད་པ་ཡིན་ན་ལྷག་བསམ་གཅིག་པུས་མཐའ་འཁྱོལ་བ་ཞིག་མི་ཡོང་བས་ཤེས་རབ་ཀྱི་གྲོགས་ཤིག་དགོས་པ་དེ་བསྟན་པ་ཡིན། ཤེས་རབ་ཀྱི་གྲོགས་དེ་ཉིད་ནི་རང་དགར་བསྡད་ན་མི་ཡོང་བ་དང་གཙོ་བོ་ཐོས་བསམ་སློབ་གཉེར་གྱི་འབད་འབུངས་ལ་བརྟེན་ཏེ་རིམ་བཞིན་འཐོབ་དགོས་པ་ཞིག་ཡིན་པས། མཁས་དབང་ས་སྐྱ་བའི༼རིག་པ་ནངས་པར་འཆི་ཡང་བསླབ།།༽ཅེས་པ་ལྟ་བུའི་ཟབ་དོན་གྱི་གདམས་ངག་འདི་ལྟ་བུ་མང་དུ་བྱུང་བ་ཡིན་ཏེ། གདམས་ངག་དེ་དང་དེས་ནི་བོད་སྔ་རབས་པའི་རིག་གནས་སྙིང་སྟོབས་ཤིག་ཀྱང་མཚོན་ཡོད་པ་ཡིན། རིག་གནས་སྙིང་སྟོབས་དེས་གྷན་ངྷི་ལགས་ཀྱིས༼སང་ཉིན་འཆི་རྒྱུ་ཡིན་ལྟར་འཚོ་བ་རོལ།།གཏན་དུ་གནས་རྒྱུ་ཡིན་ལྟར་སློབ་གཉེར་གྱིས།།༽ཞེས་ཇི་སྐད་གསུངས་པ་དེ་བཞིན་དུ་སློབ་གཉེར་ནི་མི་ཚེའི་དོན་སྙིང་དུ་བལྟ་ཡི་ཡོད། བོད་སྔ་རབས་པའི་རིག་གནས་སྙིང་སྟོབས་དེས་ནི་བོད་རང་ཉིད་ཀྱི་རིག་གནས་ཙམ་པོ་མ་ཡིན་པར་མི་རིགས་འདྲ་མིན་གྱི་རིག་གནས་མང་བོར་སློབ་སྦྱོང་བྱས་ཏེ་རྒྱལ་བའི་བཀའ་བསྟན་གཉིས་གཙོས་བསྟན་བཅོས་སྣ་ཚོགས་ཀྱི་གླེགས་བམ་བྲག་རི་བཞིན་བརྩིགས་པ་ཡིན་ལ། ས་སྟེང་གི་སྒྲོན་མེ་ལྟ་བུའི་སྐྱེས་བུ་རེ་རེའང་དཔེ་ཀློག་ཟས་སུ་བསྟེན་པའི་སློབ་སྦྱོང་འབའ་ཞིག་གི་ཁྲོད་ནས་བྱུང་ཞིང་ད་གཟོད་འཇིག་རྟེན་མི་ཡུལ་ལ་འོད་སྣང་སྦྱིན་པའི་ཤེས་རབ་ཀྱི་བྱེད་པོ་རེ་རེར་གྱུར་བ་ཡིན་པས་སྙིང་སྟོབས་དེའི་བདག་འབྲས་ཅི་ལ་མིན། དེ་ལས་གཞན་བོད་ཀྱི་རིག་གནས་གཞུང་དུ་མི་ལ་དུད་འགྲོ་ལས་ཁྱད་པར་འབྱེད་བྱེད་གཅིག་ཡོད་པ་ནི་ཐོས་བསམ་གྱི་ཤེས་རབ་ཡིན་ཞིང་ཤེས་རབ་དེ་ཉིད་མེད་པ་ཡིན་ན་ནི་དུད་འགྲོ་དང་གཅིག་མཚུངས་སུ་བལྟ་བ་ཡིན། ལྟ་ཚུལ་དེས་ཐོས་བསམ་སློབ་གཉེར་ལ་གཙིགས་འཛིན་བླ་ལྷག་ཅིག་བྱེད་པ་མཚོན་ཡོད་ལ། ལྟ་ཚུལ་དེ་དང་རིག་གནས་སྙིང་སྟོབས་དེས་ནི་རིག་གནས་སྣ་ཚོགས་པར་སློབ་གཉེར་བྱས་པར་བརྟེན་བོད་མི་རིགས་འདི་ཡང་ཀླ་ཀློ་ཡི་སྤྱི་ཚོགས་ལས་བསྐྱབས་ཏེ་འཛམ་གླིང་གི་ཤེས་རིག་ལྡན་པའི་མིའི་རིགས་སུ་བརྫངས་པ་ཡིན། མི་རིགས་གཞན་གྱི་རིག་གནས་ལ་ལད་ཟློས་བྱེད་པ་ནི་རིག་གནས་དེར་སློབ་གཉེར་བྱེད་པ་ཡིན་ལ། དོན་དམ་དུ་རིག་གནས་ནང་འདྲེན་ཞེས་པའང་དེ་ལས་མ་འདས། རིག་གནས་སྙིང་སྟོབས་འདི་ལྟ་བུ་ནི་དེང་སྐབས་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཉམས་རྒུད་དུ་འགྲོ་བཞིན་འདུག་ནའང་། རིག་གནས་སྙིང་སྟོབས་དེའི་རིགས་ནི་ང་ཚོས་ངོམ་ཆོག་ལ་ངེས་པར་རྒྱུད་འཛིན་བྱ་དགོས་པའི་བོད་ཀྱི་ཐུན་མིན་སྲོལ་རྒྱུན་ཞེས་པ་དེ་ཡིན། སྲོལ་རྒྱུན་ནི་སྲོལ་རྒྱུན་ཞིག་ཡིན་སྟབས་དེ་ལ་བླང་དོར་གྱི་ཆ་མང་དུ་འདུག་ཀྱང་རིག་གནས་སྙིང་སྟོབས་འདི་དང་འདི་ལྟ་བུ་ནི་དུས་རབས་གང་དང་སྤྱི་ཚོགས་གང་དུའང་མིག་དཔེར་བལྟ་དགོས་པ་ཞིག་ཏུ་མཐོང་། གང་ལྟར་སློབ་སྦྱོང་མི་བྱེད་པའི་ཚོགས་སྤྱི་དེ་དང་སྐྱེ་བོ་དེ་ནི་མུན་ནག་གི་གཏིང་རུམ་ན་འཚོ་བའི་འཇིགས་རུང་གི་ཡུལ་གྲུ་དེ་དང་མི་བུ་དེ་ཡིན་སྟབས་ང་ཚོ་སུ་ཡིན་ཀྱང་རང་ཉིད་ཀྱི་དགའ་ཕྱོགས་དང་བསྟུན་ཏེ་རིག་གནས་སློབ་གཉེར་དང་དཔེ་ཀློག་སྣ་ཚོགས་རེ་གནང་རྒྱུ་ནི་ཧ་ཅང་གལ་ཆེ་བའི་གནད་དམ་པ་ཞིག་གོ། ན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པའི་ཕྱིར༽ཞེས་གསུངས་པ་དེ་བཞིན་དུ། ༼ དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི༽རིག་པའམ་ཤེས་རབ་ལ་རག་ལས་པས་ན་སློབ་གཉེར་ནི་ངེས་པར་དུ་བྱ་དགོས་པ་ཞིག་རེད། སློབ་གཉེར་བྱེད་པ་ནི་ཤེས་རབ་འཚོལ་བ་ཡིན་ཕྱིར་ཐར་བ་དང་ཐམས་ཅད་མཁྱེན་པ་འདོད་མཁན་ཞིག་ཡིན་ཀྱང་དེ་སྒྲུབ་བྱེད་ཀྱི་ཤེས་རབ་འཚོལ་བ་ཡིན་ལ། དེ་ལས་གཞན་གང་ཞིག་འདོད་ཀྱང་དེ་སྒྲུབ་པའི་རིག་པ་ཞིག་འཚོལ་བ་ཡིན། ད་དུང་གཞན་ཞིག་ནས་བཤད་ན་དེང་སྐབས་ཀྱི་འཚོ་བ་ནི་སྔོན་མའི་སྤྱི་ཚོགས་དང་ཡེ་ནས་མི་འདྲ་སྟེ་འཚོ་བའི་སྤྱོད་སྒོ་མཐའ་དག་རིག་གནས་ཀྱི་ལམ་བུ་རྐྱང་བར་ཕྱིན་ཡོད་པས་ན་རིག་པ་མ་སྦྱངས་པ་ཞིག་གིས་ནི་སོ་སོའི་འཚོ་བ་ཡང་སྟབས་བདེའི་ངང་བསྐྱལ་མི་ཐུབ་པའི་གནས་སུ་གྱར་འདུག་པས༼སློབ་སྦྱོང་བྱེད་དུས་ཀྱི་དཀའ་སྡུག་ནི་གནས་སྐབས་ཙམ་དང་། ཅི་ཡང་མ་བསླབས་པའི་དཀའ་སྡུག་ནི་མི་ཚེ་གང་ཡིན།༽ཞེས་པ་ལྟ་བུ་ཡིན། མི་རིགས་སོ་སོའི་རིག་གནས་མ་འདྲ་བ་དང་ཡང་ན་མི་སྒེར་སོ་སོས་སློབ་གསོ་མྱངས་དང་མ་མྱངས་པའི་དབང་གིས་བསམ་ཚུལ་དང་དྲན་ཚུལ། བསམ་བློའི་སྤུས་ཚད་དང་འདུ་ཤེས་འཛིན་སྟངས་སོགས་མི་འདྲ་བ་དུ་མ་འབྱུང་གིན་འདུག རྒྱུ་མཚན་དེ་ཕྱིར་རིག་གནས་ནི་མིའི་རིགས་ཀྱི་ཤེས་རྟོགས་འཕེལ་བྱེད་ཅིག་དང་བསམ་བློ་སྒྱུར་བྱེད་ཅིག་ཡིན་པར་ངོས་ཟིན་དམ་པོ་རྙེད་ཐུབ་པ་ཡིན། འོན་ཀྱང་རིག་གནས་སམ་ཤེས་རབ་དེ་ནི་རྩལ་ནུས་ཤིག་ཡིན་སྟབས་དགེ་ཕྱོགས་དང་ངན་ཕྱོགས་གང་ཞིག་ཏུ་བཀོལ་རྒྱུ་ནི་མི་བུ་རང་ཉིད་ཀྱི་བསམ་བློ་ལ་རག་ལས་ཡོད་པ་ལས་རིག་གནས་ཀྱི་ངོ་བོའི་ཆ་ན་དགེ་བ་དང་མི་དགེ་བ་ཞེས་མེད་པར་སྣང་། མདོར་དྲིལ་ན། རིག་གནས་སྦྱོང་བ་ནི་འཇིག་རྟེན་གྱི་བླང་དོར་རྣམ་པར་འབྱེད་པའི་རྣམ་དཔྱོད་ཅིག་དང་ཡང་ན་ཡང་དག་པའི་གནས་ལུགས་མཐོང་བའི་བློ་མིག་ཅིག་འཚོལ་བ་དེ་ཡིན། ད་དུང་ཆུང་ས་ནས་བཤད་པ་ཡིན་ན་རིག་གནས་བྱ་བ་ནི་སྐྱེ་བོ་སོ་སོས་རང་ཉིད་ཀྱི་འཚོ་བ་སྟབས་བདེའི་ངང་སྐྱེལ་བྱེད་ཀྱི་ལག་ཆ་ཞིག་ཏུ་བརྗོད་ནའང་ཧ་ཅང་འོས་པར་སྣང་། རྗེ་བཙུན་ཙོང་ཁ་བ་ཆེན་པོས༼གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན།།ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང།།སྲིད་པའི་རྩ་བ་གཅོད་པར་མི་ནུས་པས།།དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད།།༽ཅེས་གསུངས་པ་དེ་བཞིན་ནོ།། འོན་ཀྱང་འདིས་ཐད་ཀར་དུ་བསྟན་པའི་གོ་བ་ནི་ཆོས་ལུགས་ལྟ་གྲུབ་ཀྱི་སྒོམ་རིམ་ཞིག་ཡིན་མོད། འཇིག་རྟེན་པ་ཞིག་གི་མི་ཚེའི་བགྲོད་སྟངས་ལ་སྦྱར་ནའང་ཧ་ཅང་གོ་རྒྱུའི་གནད་ཆེ་སྟེ། སྐྱེ་བོ་སུ་ཞིག་དོན་ཕྲན་ཚེགས་གང་ལ་འཕྲད་ཀྱང་རིག་པ་ཞིག་མེད་པ་ཡིན་ན་ལྷག་བསམ་གཅིག་པུས་མཐའ་འཁྱོལ་བ་ཞིག་མི་ཡོང་བས་ཤེས་རབ་ཀྱི་གྲོགས་ཤིག་དགོས་པ་དེ་བསྟན་པ་ཡིན། ཤེས་རབ་ཀྱི་གྲོགས་དེ་ཉིད་ནི་རང་དགར་བསྡད་ན་མི་ཡོང་བ་དང་གཙོ་བོ་ཐོས་བསམ་སློབ་གཉེར་གྱི་འབད་འབུངས་ལ་བརྟེན་ཏེ་རིམ་བཞིན་འཐོབ་དགོས་པ་ཞིག་ཡིན་པས། མཁས་དབང་ས་སྐྱ་བའི༼རིག་པ་ནངས་པར་འཆི་ཡང་བསླབ།།༽ཅེས་པ་ལྟ་བུའི་ཟབ་དོན་གྱི་གདམས་ངག་འདི་ལྟ་བུ་མང་དུ་བྱུང་བ་ཡིན་ཏེ། གདམས་ངག་དེ་དང་དེས་ནི་བོད་སྔ་རབས་པའི་རིག་གནས་སྙིང་སྟོབས་ཤིག་ཀྱང་མཚོན་ཡོད་པ་ཡིན། རིག་གནས་སྙིང་སྟོབས་དེས་གྷན་ངྷི་ལགས་ཀྱིས༼སང་ཉིན་འཆི་རྒྱུ་ཡིན་ལྟར་འཚོ་བ་རོལ།།གཏན་དུ་གནས་རྒྱུ་ཡིན་ལྟར་སློབ་གཉེར་གྱིས།།༽ཞེས་ཇི་སྐད་གསུངས་པ་དེ་བཞིན་དུ་སློབ་གཉེར་ནི་མི་ཚེའི་དོན་སྙིང་དུ་བལྟ་ཡི་ཡོད། བོད་སྔ་རབས་པའི་རིག་གནས་སྙིང་སྟོབས་དེས་ནི་བོད་རང་ཉིད་ཀྱི་རིག་གནས་ཙམ་པོ་མ་ཡིན་པར་མི་རིགས་འདྲ་མིན་གྱི་རིག་གནས་མང་བོར་སློབ་སྦྱོང་བྱས་ཏེ་རྒྱལ་བའི་བཀའ་བསྟན་གཉིས་གཙོས་བསྟན་བཅོས་སྣ་ཚོགས་ཀྱི་གླེགས་བམ་བྲག་རི་བཞིན་བརྩིགས་པ་ཡིན་ལ། ས་སྟེང་གི་སྒྲོན་མེ་ལྟ་བུའི་སྐྱེས་བུ་རེ་རེའང་དཔེ་ཀློག་ཟས་སུ་བསྟེན་པའི་སློབ་སྦྱོང་འབའ་ཞིག་གི་ཁྲོད་ནས་བྱུང་ཞིང་ད་གཟོད་འཇིག་རྟེན་མི་ཡུལ་ལ་འོད་སྣང་སྦྱིན་པའི་ཤེས་རབ་ཀྱི་བྱེད་པོ་རེ་རེར་གྱུར་བ་ཡིན་པས་སྙིང་སྟོབས་དེའི་བདག་འབྲས་ཅི་ལ་མིན། དེ་ལས་གཞན་བོད་ཀྱི་རིག་གནས་གཞུང་དུ་མི་ལ་དུད་འགྲོ་ལས་ཁྱད་པར་འབྱེད་བྱེད་གཅིག་ཡོད་པ་ནི་ཐོས་བསམ་གྱི་ཤེས་རབ་ཡིན་ཞིང་ཤེས་རབ་དེ་ཉིད་མེད་པ་ཡིན་ན་ནི་དུད་འགྲོ་དང་གཅིག་མཚུངས་སུ་བལྟ་བ་ཡིན། ལྟ་ཚུལ་དེས་ཐོས་བསམ་སློབ་གཉེར་ལ་གཙིགས་འཛིན་བླ་ལྷག་ཅིག་བྱེད་པ་མཚོན་ཡོད་ལ། ལྟ་ཚུལ་དེ་དང་རིག་གནས་སྙིང་སྟོབས་དེས་ནི་རིག་གནས་སྣ་ཚོགས་པར་སློབ་གཉེར་བྱས་པར་བརྟེན་བོད་མི་རིགས་འདི་ཡང་ཀླ་ཀློ་ཡི་སྤྱི་ཚོགས་ལས་བསྐྱབས་ཏེ་འཛམ་གླིང་གི་ཤེས་རིག་ལྡན་པའི་མིའི་རིགས་སུ་བརྫངས་པ་ཡིན། མི་རིགས་གཞན་གྱི་རིག་གནས་ལ་ལད་ཟློས་བྱེད་པ་ནི་རིག་གནས་དེར་སློབ་གཉེར་བྱེད་པ་ཡིན་ལ། དོན་དམ་དུ་རིག་གནས་ནང་འདྲེན་ཞེས་པའང་དེ་ལས་མ་འདས། རིག་གནས་སྙིང་སྟོབས་འདི་ལྟ་བུ་ནི་དེང་སྐབས་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཉམས་རྒུད་དུ་འགྲོ་བཞིན་འདུག་ནའང་། རིག་གནས་སྙིང་སྟོབས་དེའི་རིགས་ནི་ང་ཚོས་ངོམ་ཆོག་ལ་ངེས་པར་རྒྱུད་འཛིན་བྱ་དགོས་པའི་བོད་ཀྱི་ཐུན་མིན་སྲོལ་རྒྱུན་ཞེས་པ་དེ་ཡིན། སྲོལ་རྒྱུན་ནི་སྲོལ་རྒྱུན་ཞིག་ཡིན་སྟབས་དེ་ལ་བླང་དོར་གྱི་ཆ་མང་དུ་འདུག་ཀྱང་རིག་གནས་སྙིང་སྟོབས་འདི་དང་འདི་ལྟ་བུ་ནི་དུས་རབས་གང་དང་སྤྱི་ཚོགས་གང་དུའང་མིག་དཔེར་བལྟ་དགོས་པ་ཞིག་ཏུ་མཐོང་། གང་ལྟར་སློབ་སྦྱོང་མི་བྱེད་པའི་ཚོགས་སྤྱི་དེ་དང་སྐྱེ་བོ་དེ་ནི་མུན་ནག་གི་གཏིང་རུམ་ན་འཚོ་བའི་འཇིགས་རུང་གི་ཡུལ་གྲུ་དེ་དང་མི་བུ་དེ་ཡིན་སྟབས་ང་ཚོ་སུ་ཡིན་ཀྱང་རང་ཉིད་ཀྱི་དགའ་ཕྱོགས་དང་བསྟུན་ཏེ་རིག་གནས་སློབ་གཉེར་དང་དཔེ་ཀློག་སྣ་ཚོགས་རེ་གནང་རྒྱུ་ནི་ཧ་ཅང་གལ་ཆེ་བའི་གནད་དམ་པ་ཞིག་གོ།