ལོ་རྒྱུས་ཀྱི་རྒྱུན་རིང་བའི་སྒོ་དམར་སྡེ་བ།

ཐུན་རིན་རྫོང་གི་སྡེ་བ་བཞི་རྒྱལ་ཁབ་ཀྱིས་སྲོལ་རྒྱུན་སྡེ་བར་སྲུང་སྐྱོབ་དང་བཀོལ་སྤྱོད་བྱེད་པའི་མིང་ཐོའི་ཁྲོད་བདམས་པ།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་དངོས་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ ལྟར་ན། ཉེ་སྔོན། རྒྱལ་ཁབ་རིག་དངོས་ཅུའུ་ཡི་སྲོལ་རྒྱུན་སྡེ་བའི་སྤྱི་ཁོག་ལ་སྲུང་སྐྱོབ་དང་དེ་ བཀོལ་སྤྱོད་བྱེད་པའི་བྱ་བའི་གྲོས་ཚོགས་སྟེང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གི་སྲོལ་རྒྱུན་སྡེ་བ་བཞི་ཀྲུང་ གོའི་སྲོལ་རྒྱུན་སྡེ་བའི་སྤྱི་ཁོག་ལ་སྲུང་སྐྱོབ་དང་བཀོལ་སྤྱོད་བྱེད་པའི་ལས་ གཞིའི་ལག་བསྟར་མིང་ཐོའི་ཁྲོད་བདམས་པ་དང་། དེའི་ཁྲོད་སྒོ་དམར་སྡེ་བ་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་སྤྱི་ཁོག་ལ་སྲུང་ སྐྱོབ་དང་བཀོལ་སྤྱོད་བྱེད་པའི་ལས་གཞིའི་སྐོར་ཁག་དང་པོའི་ལག་བསྟར་མིང་ཐོའི་ ཁྲོད་བདམས།

Gomarད་ ལོའི་ཟླ་བཞི་བར། སྡོད་ཁང་མཁར་གྲོང་འཛུགས་སྐྲུན་པུའུ་དང་རིག་གནས་པུའུ། རྒྱལ་ཁབ་རིག་དངོས་ཅུའུ། ནོར་སྲིད་པུའུ་བཅས་ཀྱིས«ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་སྲུང་སྐྱོབ་ལ་ཤུགས་ སྣོན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར»ཞེས་པ་འགྲེམ་སྤེལ་བྱས་པ་མ་ཟད། ཆེད་དོན་གྲོས་ཚོགས་བསྡུས་ནས་སྲོལ་རྒྱུན་སྡེ་བའི་སྲུང་སྐྱོབ་ལ་ཤུགས་སྣོན་ པའི་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། མིག་སྔར་སྲོལ་རྒྱུན་སྡེ་བ་སྟོང་གཅིག་དང་ལྔ་བརྒྱ་རེ་གཅིག་གི་ཁྲོད་དུ། ཞིང་ཆེན་རིམ་པ་དང་དེའི་ཡན་་གྱི་རིག་དངོས་སྲུང་སྐྱོབ་ལས་ཁུངས་ཀྱི་སྲོལ་ རྒྱུན་སྡེ་བ་བཞི་བརྒྱ་ང་གསུམ་ཡོད་པ་དང་། དེའི་ཁྲོད་དུ། རྒྱལ་ཡོངས་རིག་དངོས་སྲུང་སྐྱོབ་ལས་ཁུངས་གཙོ་བོ་དང་ཞིང་ཆེན་རིམ་པའི་རིག་ དངོས་སྲུང་སྐྱོབ་ལས་ཁུངས་ཀྱི་སྲོལ་རྒྱུན་སྡེ་བ་ཉིས་བརྒྱ་བདུན་ཅུ་ཡོད། སྲུང་སྐྱོབ་བེད་སྤྱོད་ལས་གཞི་ཁྲོད་བདམས་པའི་སྲོལ་རྒྱུན་སྡེ་བར། ཀྲུང་དབྱང་ནོར་སྲིད་ཀྱིས་རིག་དངོས་ཉམས་གསོ་དང་སྲུང་སྐྱོབ་འགྲེམ་སྟོན་སོགས་ ཕྱོགས་ནས་དམིགས་བསལ་གྱི་རོགས་སྐྱོར་བྱས་ཏེ། སྲོལ་རྒྱུན་སྡེ་བ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བ་མ་ཟད། ཁྱབ་གདལ་བྱེད་ཆོག་པ་དང་ཡང་བསྐྱར་ལག་བསྟར་བྱེད་ཆོག་པའི་ཉམས་མྱོང་དང་རྣམ་པ་ ཆགས་པར་བྱེད་རྒྱུ་རེད།

 

ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་གྱི་མགོ་ཁྲིད་ཀྱིས་མཚོ་སྔོན་ ཞིང་ཆེན་གྱིས་བསྡུས་པའི་སྲོལ་རྒྱུན་སྡེ་བའི་སྤྱི་ཁོག་ལ་སྲུང་སྐྱོབ་བེད་ སྤྱོད་བྱེད་པའི་བྱ་བའི་སྐུལ་སློང་གྲོས་ཚོགས་སྟེང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་རིག་དངོས་སྲུང་སྐྱོབ་ལས་ཁུངས་གཙོ་བོ་དང་ ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་ཀྱི་ཐུན་རིན་རྫོང་ཐོ་རྒྱ་མཁར་ ནང་དང་། རོང་བོ་གྲོང་བརྡལ་སེང་གེ་གཤོང་ཞོལ་མ་སྡེ་བ། གཉན་ཐོག་ཞང་སྒོ་དམར་སྡེ་བ། གཉན་ཐོག་སྡེ་བ་བཅས་སྲོལ་རྒྱུན་སྡེ་བ་བཞིའི་སྤྱི་ཁོག་གི་སྲུང་སྐྱོབ་དང་བཀོལ་ སྤྱོད་བྱ་བར་བཀོད་སྒྲིག་བྱས་པ་མ་ཟད། སྲོལ་རྒྱུན་སྡེ་བ་བཞི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་བཀོལ་སྤྱོད་མིང་ཐོའི་ཁྲོད་ བདམས་པའི་དོན་སྙིང་གལ་ཆེན་ནན་བཤད་བྱས།



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,