སེམས་ཁོང་གི་རྡོ་རིང་། པོ་ཏ་ལ།

རྩོམ་པ་པོ། སྒོ་བུ་ཚེ་གྲུབ།
པོ་ཏ་ལ
ཁྱོད་ཉིད་མདོ་དབུས་མཐོ་སྒང་གི་ཡང་རྩེར་ཀྲོང་ངེར་འགྱིངས་ཏེ
འཇིག་རྟེན་གྱི་བདེན་ལུགས་གྱེར་བཞིན་བདེ་སྣང་ལ་དབུ་འཁྱུད་བྲིས
སྨུག་པོ་ལྡོང་གི་སེམས་ཅན་དེ་དག་ཀྱང་ཁྱོད་ཀྱི་ཉེ་འགྲམ་ན
རླུང་འཚུབ་བཞིན་འཁོར་ནས་དད་འདུན་ལ་རེ་ཞིང་འཚང
ཁྱོད ཉི་ཟླ་སྐར་ཚོགས་ཀྱི་དབུས་ན་སྙན་ངག་གི་གོས་ལྭ་བཀླུབས་ཏེ
སྟག་སེང་ཁྱུང་འབྲུག་གི་ཁ་ལོ་བསྒྱུར་དུས
པོ་ཏ་ལ ཅི་འདྲའི་བརྗིད་ཆགས་པ་ལ་ཨང
མདའ་མོས་རྗེས་སྙེག་དཀའ་བའི་ལོ་ཟླའི་བར་གསེང་ལས
ནང་སྡོམ་ཕྱི་འདྲེས་ཀྱི་མི་སེམས་འགྱུར་བག་ཁྲོད
ཤན་གྲིས་ཁྲག་དམར་གཞིབས་པའི་འོ་མཚོ་ལ་ནག་ཐིག་ཕབ
ལྗང་མདོག་གི་རི་ལུང་དེའང་ཁ་དོག་སྒྱུར་ཏེ་མྱ་ངམ་ཐང་དུ་གྱུར
པོ་ཏ་ལ
གང་ལྟར་ཁྱོད་ཉིད་ལོ་རྒྱུས་ཀྱི་འབྱུང་ཁུངས་དང་བདེན་དཔང་དུ་བརྗོད་ལ
མི་རིགས་ཤིག་གི་རྒྱབ་རི་དང་མདུན་ལྗོངས་སུ་ངེས་པས
དུས་རབས་ཤིག་ནས་ཁྱོད་ལ་གདེང་མཇོག་དང་ངོས་འཛིན་བྱེད་ངེས་ན་ཡང
དུས་ད་ལྟ
ཁྱོད་ཉིད་འདི་ལྟར་མདུན་སྐྱོད་ཀྱི་གོམ་མཚམས་བཞན་ནས
ངག་སྒོ་གཏན་དུ་བསྡམས་དོན་ཅི
ད་དུང
སྐྱིད་ཆུས་རླབས་ཞགས་འཕེན་བཞིན
ཁྱོད་ཀྱི་མདུན་ནས་བཞུར་ལམ་བསྒྱུར་ཏེ་ཁ་ཕྱོགས་ལྡོག
འདི་ནི་ཁྱོད་ལ་བཅངས་པའི་དད་སེམས་ཡིན་ནམ
ཡང་ན་ཁྱོད་ལ་བཅངས་པའི་སྡིགས་མོད་ཡིན
པོ་ཏ་ལ
འདི་ལྟར་སྐྱོ་གདུང་གི་མཆི་མ་ཟོ་གང་འཁུར་ནས
བག་འཁུམས་དང་ཉམ་ཆུང་གི་རྐང་ལམ་སྙེག་བཞིན
ཕྱི་ནང་གཉིས་ཀའི་མཆུ་སྒྲོས་ལས
ད་དུང་བཟེད་དགོས་པ་སུ་ཞིག་གི་བཀའ་རྒྱ་ན་གསལ
པོ་ཏ་ལ



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,