སེམས་ཚོར་ཐོར་བུ།

སྒོ་བུ་ཚེ་གྲུབ།

ཕྱིར་དྲན
འོད་ཟེར་སྟོང་ལྡན་ཞིག་མིན་ནའང
ཁ་སང་གི་དགའ་སྐྱོ་ཆགས་སྡང
དེ་རིང་གི་མདུན་བསྐྱོད་ལ་སྟོབས་ཤུགས་འབྱིན་ཐུབ་པས
མཁོ་མེད་ཀྱི་གད་སྙིགས་བཞིན་མ་དོར་རོགས
འཚོ་བ
སུ་ཞིག་གི་འཚོ་བའང
ངོ་མཚར་ཆེ་བ་ཞིག་ཡིན་མི་སྲིད་ལ
མཚམས་ལན་རེར
སྐྱོ་ངལ་གྱི་མིག་ཆུའང་ངེས་པར་དུ་ཡོད་ངེས
ཆེས་སྤྱིར་བཏང་གི་ཉིན་གཅིག་དེ་ཡང
དཀྲག་མདངས་མེད་པའི་དགུན་ལྗོངས་ཞིག་ཏུ་མ་གྲུབ་ལ
གསར་དུ་བྱུང་བའི་གཏམ་རྒྱུད་ཞིག་ལ
གནས་ལུགས་དང་རྟོགས་པ་ཟབ་མོ་ཞིག་ཀྱང་ཐོབ་སྲིད
སྤྲིན་དཀར་ནག་གཉིས་ཀྱི་མཐའ་མཚམས་སུ
ཆར་ཐིགས་གཅིག་གི་ལས་དབང་སྒོམ་ཡོད་པས
དེ་རིང་གི་མིག་ཆུ་དྭངས་མོ་དེ
སང་ཉིན་རྒྱང་བསྐྱོད་ཀྱི་རྒྱགས་ཕྱེར་གྲུབ་ངེས
མདུན་ཕྱོགས་སུ་འོད་ཟེར་ལྡན་མིན
སུ་ཞིག་གི་སེམས་ནའང་གབ་ཚིག་ཞིག་ཡིན
ཡིན་ཡང
མདུན་ཕྱོགས་སུ་འཇིག་རྟེན་གསར་བ་ཞིག་ངེས་པར་དུ་ཡོད་སྲིད་པས
ནམ་ཡང་ཁྱོད་རང་ཕེབས་པར་སྒུག་ཡོད



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,