སྒོ་དམར་དགོན་པའི་ཙན་དན་ཇོ་བོའི་ལོ་རྒྱུས།

ཚངས་དབང་དགེ་འདུན་བསྟན་པ།

101 (3)སྒོ་དམར་དགོན་པའི་མཚན་ཡོངས་ལ་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་ཟེར་ཞིང་མཚོ་སྔོན་ཞིང་ཆེན་རྨ་ལྷོའི་ཁུལ་རེབ་གོང་རྫོང་གཉན་ཐོག་ཞང་གི་ཁོངས་སུ་གཏོགས་དགོན་པ་འདི་ཐོག་མར་འདེབས་མཁན་སུ་ཡིན་གནའི་རེབ་གོང་གི་ལོ་རྒྱུས་རྣམས་སུ་མི་གསལ་ཡང་ཉེ་ཆར་བློན་ཆོས་ཚེ་བློས་བསྒྲིགས་པའི་རྒྱ་བཟའ་དགེ་བཤེས་ཀྱི་༼རེབ་གོང་རུས་ཛོད་ལྟ་བ་མཁའ་ཁྱབ༽་ལས་སེ་ར་དགོན་པའི་ཁྲི་ཐོག་བརྒྱད་པ་གཉལ་སྟོན་དཔལ་འབྱོར་ལྷུན་འགྲུབ་ཀྱི་སློབ་མ་སྒོ་དམར་བ་ཞང་བློ་བཟང་ཐུབ་བསྟན་རྒྱ་མཚོས་རབ་བྱུང་བརྒྱད་པའི་བགྲང་བྱ་སོ་དྲུག་པ་ཆུ་སྟག་སྤྱི་ལོ་༡༤༨༢་ལོར་ད་ལྟའི་དགོན་གཤམ་དུ་སྒོ་དམར་བཀའ་གདམས་ཕུན་ཚོགས་ཐུབ་བསྟན་གླིང་ཕྱག་བཏབ་ཅིང་གྲུབ་མཐའ་བཀའ་གདམས་པ་ཡིན་ཞེས་བཤད་ཀྱང་ངེད་ཀྱིས་ནི་ལོ་རྒྱུས་དེ་ལ་ཡིད་རྟོན་བྱེད་པར་ཤིན་ཏུ་དཀའ་སྟེ་རྒྱུ་མཚན་མང་དུ་ཡོད་ཀྱང་མཚམས་འདིར་མི་བཤད་དགོན་དམར་དགོན་པའི་ལོ་རྒྱུས་སྤྱི་ལ་དཔྱད་ན་དགོན་འདི་དང་པོ་རྙིང་མ་དང་བར་དུ་ས་སྐྱ་མཐར་དགེ་ལུགས་སུ་བསྒྱུར་བའི་དགོན་རྙིང་ཞིག་ཡིན་པར་གསལ་ཡང་ལོ་རྒྱུས་ཞིབ་ཕྲ་གཞན་དུ་བཤད་རྩིས་ཡོད་དགོན་འདིར་སྐུ
གསུང་ཐུགས་སོགས་རྟེན་སྣ་མང་ཡང་སྐབས་འདིར་འདུ་ཁང་ཆེན་མོའི་གྲལ་མགོའི་ཀུན་དགའ་ར་བར་བཞུགས་པའི་ཙན་དན་ཇོ་བོའི་ལོ་རྒྱུས་བཤད་པར་བྱ་ཙན་དན་ཇོ་བོའི་ལོ་རྒྱུས་ནི་འདི་ལྟར་ཐོས་ཏེ་སྔོན་གོང་མ་ཆན་ལུང་གིས་པོ་ཏ་ལ་ནང་དུ་བཞུགས་པའི་ཇོ་བོ་འཕགས་པ་ལོ་ཀ་ཤོ་རའི་སྐུ་ལ་དཔེར་བླངས་ནས་ཙན་དན་ཇོ་བོ་བཅུ་གསུམ་བཞེངས་པ་བོད་སོག་གི་དགོན་པ་གྲགས་ཅན་འགར་རྟེན་སྐལ་དུ་བསྩལ་བ་ལ་དེའི་གྲས་ཀྱི་གཅིག་ནི་ནང་སོག་གི་དགོན་པ་གྲགས་ཅན་ཞིག་ཏུ་བཞུགས་པ་སྒོ་དམར་གྱི་ཨ་ཁུ་ཞིག་གིས་དགོན་དེ་གའི་བླ་མ་དང་འབྲེལ་བ་ཟབ་པས་ང་ཚོའི་དགོན་ལ་རྟེན་སྐལ་དུ་སྟེར་དགོས་ཞེས་ཨུ་ཚུགས་བྱས་ནས་ཁྱེར་ཡོང་བ་རེད་ཟེར་ཞིང་ལ་ལས་བཤད་ན་ལྐོག་ཏུ་འཁྱེར་ཡོང་བ་རེད་ཅེས་ཀྱང་ཟེར་གང་ལྟར་ཇོ་བོའི་སྐུ་འདི་ད་ལྟ་སྒོ་དམར་དགོན་པའི་རྟེན་གྱི་གཙོ་བོ་ཡིན་ཞིང་ཆེ་ཆུང་ལ་ཁྲུ་ཙི་གསུམ་ཡོད་མེད་ཅིག་དང་ཞལ་རས་གསུང་འབྱོན་གྱི་རྣམ་པ་བལྟ་ན་སྡུག་པ་སྐུ་ཉམས་ཅུང་འཁྲིལ་བག་གི་རྣམ་འགྱུར་ཅན་ཤིན་ཏུ་བྱོན་ལེགས་ཤིག་གོ་རིག་གནས་གསར་བརྗེའི་སྐབས་སུ་སྡེ་འདིའི་དད་ལྡན་མི་སྣ་ཞིག་གིས་གསང་སྦེད་བྱེད་ཐུབ་པ་བྱུང་ཡང་རྒྱབ་ཡོལ་དང་ཕྱག་ཡ་གཅིག་སྟབས་མ་ལེགས་ནས་སྔོན་ཐོན་མི་སྣའི་ལག་ཏུ་ཤོར་ནས་མེད་པར་བཏང་མི་རིང་བར་མེད་པར་གཏོང་མཁན་གྱི་ཁྱིམ་ཚང་ལ་བཀྲ་མི་ཤིས་པའི་དོན་རྐྱེན་བྱུང་བས་ཁོས་ཀྱང་སྔོན་གྱི་བྱ་སྤྱོད་ལ་བློ་འགྱོད་སྐྱེས་དུས་ཕྱིས་སུ་གཡེར་གཤོང་ཆེ་བ་ཚང་ལ་གནས་ཚུལ་ཞུས་པ་ན་འགྱོད་གཤགས་སུ་རིམ་གྲོ་བསྒྲུབ་དགོས་པ་དང་རབ་ཡིན་ན་སྔོན་གྱི་ཙན་དན་ཇོ་བོ་དང་གཅིག་འདྲ་ཡིན་པ་ཞིག་ཚབ་ཏུ་བཞེངས་ཐུབ་ན་ལེགས་ཚུལ་གསུངས་ཀྱང་ཁྱིམ་ཚང་གི་འབྱོར་བ་ཞན་པས་ཙན་དན་ཇོ་བོའི་ཚབ་དེ་བཞེངས་མ་ཐུབ་གནས་ཚུལ་དེ་ཀུན་བཟང་རྒྱལ་ལགས་ཀྱིས་ཐོས་ཏེ་ཁྱིམ་དེའི་ཚབ་དུ་ཁོས་ཇོ་བོའི་སྐུ་དེ་དང་ཆེ་ཆུང་གཅིག་འདྲ་ཡིན་པ་ཞིག་ནང་ལོག་གི་ཉུན་པོ་གྲོང་ཁྱེར་གྱི་བརྐོ་བཟོ་མཁས་པ་ཞིག་ལ་བཞེངས་སུ་བཅུགད་ལྟ་འདུ་ཁང་གི་ཕྱོགས་གཅིག་ལ་བཞེངས་པ་དེ་ཡིན་འདི་ནས་གསལ་བཤད་ཅིག་ཞུ་དགོས་པ་ནི་ཙན་དན་ཇོ་བོའི་ཕྱག་མེད་པར་གཏོང་མཁན་ནི་ཀུན་བཟང་རྒྱལ་ཚང་མིན་ཡང་ཁོས་བསོད་ནམས་བསགས་པའི་ཆེད་དུ་བཞེངས་པ་ཡིན་པ་ཤེས་པར་གྱིས་
ཉེ་སྔོན་ངེད་ཀྱིས་བོད་ཡུལ་གྱི་ས་གནས་ཁག་ཏུ་གནའ་རྫས་རྟོག་དཔྱོད་དུ་འགྲོ་སྐབས་ཇོ་བོ་འདི་དང་མཚུངས་པའི་ཇོ་བོ་ལྷ་སའི་པོ་ཏ་ལ་དང་འབྲས་སྤུངས་སེ་ར་གཙུག་ལག་ཁང་པེ་ཅིན་གྱི་དགའ་ལྡན་བྱིན་ཆགས་གླིང་ནང་སོག་གི་གཙུག་ལག་ཁང་ཆེ་བ་བཅས་སུའང་བཞུགས་པ་མཇལ་མྱོང་ཡང་དེ་དག་ནི་གོང་དུ་བཤད་པའི་གོང་མ་ཆན་ལུང་གིས་བཞེངས་པའི་ཙན་དན་ཇོ་བོའི་གྲས་ཡིན་མིན་མ་ངེས་ཀྱང་བཟོ་ལྟ་ལ་བལྟས་ན་ཧ་ཅང་འདྲ་བའི་ཁྱད་ཆོས་འདུག་གོ་གཞན་བཤད་ཚུལ་ཞིག་ལ་ལྭ་མོ་བདེ་ཆེན་དགོན་པའི་ལྭ་མོ་སྒར་དུ་བཞུགས་པའི་འཕགས་པ་ཇོ་བོ་དང་སྒོ་དམར་དགོན་པའི་ཙན་དན་ཇོ་སྐུ་གཉིས་སྐུ་རྒྱུ་གཅིག་ལས་གྲུབ་པ་ཡིན་ཞེས་ཟེར་ཡང་ཡིན་མིན་གྱི་ལོ་རྒྱུས་གསལ་བོ་མ་འཚལ་ལོ།།



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,