ཨ་ཐང་ཆད་པའི་སེམས་པ།

རྩོམ་པ་པོ། མཁས་གྲུབ།
ཀ་ར་མངར་མོ་ལ་སོགས་འཇོལ་ཉོག་ཏུ་སྤྱོད་བཞིན།།
ཁ་ཤ་མུག་མུག་གྲོང་ཆོག་བདའ་བ་ལ་མཁས་པ།།
ག་ས་གང་ལ་ཁྱབ་པའི་སྤྱི་ཚོགས་འདིའི་ནང་དུ།།
ང་ཅག་རྣམ་དག་གྲྭ་བ་ག་ཚོད་ཞིག་ཡོད་དམ།།

ཅ་རིལ་བཞིན་དུ་གུམ་པའི་སྒོམ་ཆེན་དེ་མ་ནུས།།
ཆ་རྐྱེན་མེད་པའི་མི་ཚེ་དཀྱུས་མ་དེ་མ་འདོད།།
ཇ་ཁུ་མངར་མོ་ལ་སོགས་འཚོ་བ་དེའི་ཆེད་དུ།།
ཉ་སུག་འདི་ཡང་ཁོམ་པའི་གོ་སྐབས་དེ་མ་བྱུང་།།

ཏ་ཐྰ་ག་ཏའི་གཞུང་ལ་སྦྱངས་ལོ་ཙམ་བྱས་ཀྱང་།།
ཐ་ན་ཉོན་མོངས་སྣ་གཅིག་སྤངས་པ་ཡང་མེད་པར།།
ད་རུང་ནང་གི་དུག་གསུམ་འཕེལ་བ་ལ་བལྟས་ནས།།
ན་རག་གྱོང་ཤོར་ཁྱོད་ལ་བདེ་བ་ཞིག་ཡོད་དམ།།

པ་ར་མི་ཏ་ལ་སོགས་འུར་འུར་ཏུ་ཀློག་ནས།།
ཕ་ནོར་བུ་ལ་སྤྲད་པའི་གཅེས་ནོར་ལ་དམིགས་ཏེ།།
བ་མཆོག་འོ་མ་ལས་ལྷག་ཚིག་འཇམ་གྱིས་བསླུས་ནས།།
མ་རྩ་འཇོག་པའི་བླ་གཟུགས་བྱ་བཏང་ཚོས་ཅི་བྱེད།།

ཙ་ན་ཡིན་ཡང་ཐོས་བསམ་ཕྱི་བལྟས་སུ་སོན་ནས།།
ཚམ་ཚོམ་མེད་པར་འཇིག་རྟེན་ཕུན་ཚོགས་ལ་ཆགས་ཏེ།།
ཛ་ལང་འཆལ་སྤྱོད་ཁྱིམ་པ་སུན་འབྱིན་དུ་སོང་ན།།
ཝ་སྐྱེས་རྒྱལ་བོར་བསྐོས་པའི་རང་མཚང་དེར་སོམས་དང་།།

ཞྭ་མོ་རྩེ་རྣོན་གྱོན་ནས་གྲོང་ཡུལ་དུ་འཁྱམས་ཏེ།།
ཟ་མ་མངར་མོའི་བཟའ་བཏུང་དོན་གཉེར་ལ་རེམ་ནས།།
འ་ཅག་འདུལ་བའི་བསླབ་བྱ་སྣང་མེད་དུ་གཡུག་ན།།
ཡ་མ་བརླ་ཡི་མི་ཚེའི་མཇུག་འབྲས་དེ་སོམས་ཤིག།།

ར་ལྟར་གྱོང་བའི་སེམས་པ་གང་བྱུང་དུ་བཏང་སྟེ།།
ལ་ལུང་ཀུན་གྱི་འདོད་ཡོན་སྡུད་པ་ལ་ཕྱོགས་ནས།།
ཤ་ཚའི་བསླབ་བྱ་རྣ་བའི་ལྟག་རྒྱབ་ཏུ་བཞག་ན།།
ས་བཅུ་ལམ་ལྔར་བསྙེག་པའི་གོ་སྐབས་ཤིག་ཡོད་དམ།།

ཧ་ཧ་གྲྭ་རྐྱང་ཐམས་ཅད་དེ་འདྲ་ཞིག་མིན་ཀྱང་།།
ཨ་ཁུ་ང་དང་ང་འདྲའི་སྤྱོད་ཚུལ་ལ་དཔགས་ན།།
ཧ་ལམ་དུག་གསུམ་གདོན་གྱི་ཁོལ་བོ་རུ་ལུས་པས།།
ཨ་ཙི་ཕྱི་ནས་སྒོ་གསུམ་བག་ཡོད་ཞིག་བྱུང་ན།།



Leave a Reply

མཆན་འཇོག་པར་རྟེན་འབྲེལ་ཞུ།

“རྩོམ་ཞབས་སུ་མཆན་འཇོག་གམ་དཔྱད་འཇོག་སྤེལ་བ་ནི་ཕན་ཚུན་བར་གྱི་དོགས་”
སློང་སེལ་བྱེད་ཀྱི་ལམ་ཁ་ཞིག་ཡིན་པས་ཀློག་མཁན་ཚོས་དེ་བཞིན :)
ཡིད་འཇོག་བྱེད་པར་དགའ་བསུ་ཞུ་གི་ཡོད།
རྩོམ་སྒྲིག་པས་གཏམ་ལ་གཟིགས་པར་འཚལ།

  • ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བར།
  • དགག་ལན་དང་བསམ་ཚུལ་དང་བདེན་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་ཡང་།
  • སྐྱེ་བོ་སྒེར་ལ་དམོད་ཚིག་དང་ཟུར་ཟ་བྱེད་པ།
  • དེ་མིན་སྐབས་ཀྱི་བརྗོད་དོན་དང་འབྲེལ་མེད་ཀྱི་གནས་ཚུལ་འཁོད་པའི་མཆན་སྤེལ་བ་ཡིན་ན། མཆན་དེ་རིགས་གཏན་འགོག་བྱ་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་སྤེལ་ཚེ་བཀག་སྡོམ་བྱེད་པ་དང་།
  • མཆན་སྤེལ་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས།,