སྒོ་དམར་བསྟན་འཛིན་མཐུ་སྟོབས་གྲགས་པ།
༄༅།།རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་གསུམ་པ་ཆེན་མོའི་ཞལ་སྔ་ནས།
འགའ་ཞིག་རྒྱལ་བསྟན་དུས་ཀྱི་མཐའ་མ་རུ།། སླེབ་ཅེས་སྙིང་ལས་ཆུང་ངུར་སྐད་འབྱིན་ཀྱང་།།སྙིང་ལས་ཆུང་ངུར་གནས་ན་རང་ཉིད་ཕུངས།། ཞེས་གསུངས་བ་ལྟར་རང་ཉིད་ལ་སློབ་སྦྱོང་གི་གོ་སྐབས་ཅུང་ཟད་ཡོད་པ་དམ་འཛིན་མ་བྱས་པར་ཆུད་ཟོས་སུ་བཏང་ན་ནི་རང་གིས་རང་ཉིད་ཕུང་ལ་སྦྱར་བ་ཡིན། སློབ་སྦྱོང་ལ་བརྩོན་པ་མ་བྱས་པར་ལེ་ལོའི་དབང་དུ་དུས་འདའ་བར་བྱས་ཏེ་ད་དུང་ཤེས་ལྡན་པའི་གོ་འཕང་འཐོབ་པར་རེ་བ་ནི་ས་བོན་མ་བཏབ་པར་འབྲས་བུ་སྨིན་རྒྱུར་རེ་སྒུག་ཇི་བཞིན་སྟོང་བསམ་ཁོ་ན་ལས་མ་འདས། ད་དུང་མང་།



སྒོ་དམར་ཞེས་པའི་སྡེ་འདི་ལ་དུས་ཡུན་རིང་བོར་གོས་དྲུབས་དང་གཙགས་དྲུབས། ཤིང་བརྐོས། རྡོ་བརྐོས། གསེར་མགར། ཤིང་སོན་སོགས་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་གི་ལྷ་རིས་སྒྱུ་རྩལ་དང་གནའ་རབས་བོད་ཀྱི་ལུགས་སྲོལ། ཆོས་ལུགས་རིག་གནས་ཀྱི་རྣམ་པ་སོགས་རྒྱ་ཆེར་དར་ཡོད་པར་མ་ཟད། དེ་ཡང་བོད་པའི་སྤྱིའི་ལུགས་སྲོལ་ལྟར། རང་གི་བསམ་བློའི་རྒྱབ་རྟེན་ནམ་མགོན་སྐྱབས་སུ་རང་རང་བསྟེན་སའི་གཞི་འཛུགས་ ཀྱི་ཡུལ་ལྷ་གཞི་བདག་དང་གནས་བདག་སོགས་ལ་མོས་པ་བརྟན་པོས་བསང་མཆོད་དང་གུས་ མཆོད་བྱེད་པའི་སྲོལ་ཡང་དར་ཡོད། སྡེ་འདིའི་བསྟེན་པའི་གཞི་བདག་ལ་རི་ལང་བཅུ་གཉིས་སུ་གྲགས་པའི་པེ་ཧྭ་རི་ལང་དང་ཨ་མྱེས་བྱ་ཁྱུང་། ཨ་མྱེས་གཉན་ཆེན། ཨ་མྱེས་ཅོང་ཡེ། ཨ་མྱེས་གེ་སར་སོགས་ཡོད་པ་ལས། པེ་ཧྭ་རི་ལང་དང་ཨ་མྱེས་བྱ་ཁྱུང་ནི་སྡེ་བ་སྤྱིའི་བསྟེན་ལྷ་དང་གཞན་རྣམས་ནི་ཚོ་བ་རེ་རེའམ་ཁྱིམ་ཚང་རེ་རེའི་རང་རང་གི་ཕ་མེས་སྲོལ་ལྟར་བསྟེན་པ་ཞིག་ཡིན་པས། འདིར་ཆེད་དུ་དཔོན་སྐོར་ཚོ་བའི་བསྟེན་ལྷར་གྱུར་བའི་ཨ་མྱེས་གེ་སར་དང་གེ་སར་ལྷ་ཁང་སྐོར་ལ་ཅུང་ཟད་དཔྱད་པར་བྱ་སྟེ། ད་དུང་མང་།



རྩོམ་པ་པོ།……ཚངས་དབང་དགེ་འདུན་བསྟན་པ།

རེབ་གོང་ས་ཁུལ་དུ་འཆམ་སྟེགས་པའི་དགོན་པ་མང་ཡང་། སྒོ་དམར་གྱི་འཆམ་ནི་གཞན་དང་མི་མཚུངས་པའི་བྱིན་རླབས་ཤིན་ཏུ་ཆེ་བར་བཤད། མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་༼བསྟན་རྩིས་ཀུན་བཏུས༽་ལས། རབ་བྱུང་བཅུ་བཞི་བའི་ལྕགས་བྱ་ལོར་(སྤྱི་ལོ་༡༨༦༡ལོ་ཡིན)རེབ་གོང་སྒོ་དམར་དུ་ བྱ་ཁྱུང་གི་འཆམ་བཙུགས། ཞེས་བོད་ཁ་བ་ཅན་སྤྱིའི་བསྟན་རྩིས་བཤད་པའི་སྐབས་སུའང་དེ་འདྲ་དམིགས་བསལ་གྱིས་ གསུངས་པ་ནི་དགོངས་བཞེད་ཁྱད་པར་བ་ཡོད་སྐད།༼སྐུ་ཕྱོགས་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་རྣམ་ཐར༽་དུའང་། ད་དུང་མང་།