རྩོམ་པ་པོ། དགེ་འདུན་རབ་རྒྱས

བདེན་པའི་གནས་ལུགས་འཁྱོག་པའི་གཏམ་དུ་སྒོམ། །
ཕྲ་མའི་གཏམ་ལ་བདེན་པའི་ལུགས་ཀྱིས་བསྐྱོར། །
བདེན་རྫུན་གཉིས་ཀྱི་བར་དོར་འཁྱམས་པ་ལས། །
ལས་འབྲས་འབྱེད་པའི་དམྱལ་ཁམས་འགྲིམ་ན་དགའ། །
ད་དུང་མང་།



རྩོམ་པ་པོ། དགེ་འདུན་རབ་རྒྱས།
༄༅། །རྩ་བའི་བླ་མ་མི་མངོན་དབྱིངས་ལ་གཤེགས། །
མགོན་མེད་དྭ་ཕྲུག་མང་བོ་ཤུལ་དུ་ལུས། །
གདུང་བའི་དབྱངས་ཀྱིས་མཚན་ནས་གྱེར་བའི་སྐབས། །
ང་ཡི་བླ་མ་དག་ཞིང་གང་དུ་བཞུགས། །
ཚེ་རབས་ཀུན་ཏུ་བསགས་པའི་སྡིག་སྒྲིབ་ཀྱིས། །
མགོན་པོ་ཁྱོད་ཞལ་མཐོང་བའི་སྐལ་བ་ཟད། །
སྐྱེ་བ་འདི་དང་ཕྱི་མའི་སྐྱེ་བ་ཀུན། །
ཁྱེད་ཀྱི་དྲུང་དུ་ཡང་ཡང་སྐྱེ་བར་སྨོན། ། ད་དུང་མང་།



གླུ་ཚིག་ཞིག་གི་ཚུལ་དུ་བྲིས།
སྒོ་བུ་ཚེ་གྲུབ།
སྭོ་ཡེ་་་་་་རང་ལ་སྐྱིད་པའི་ཕ་ས་ཡི
བརྩེ་བ་ཟབ་པའི་ན་ཟླ་ཡི་ཚོགས་ཡ
ཚེ་གཅིག་རིན་ཐང་གི་རྨི་ལམ་འདི་ང་ལ་ཡོད
ཁྱོད་དང་ང་ཡི་ཕ་ཁྱིམ་ཕྱུག་མོ་འདིར་འཛོམ་ཡོད

སྭོ་ཡེ་་་་་་་སྟོད་ན་ལྷུན་ཆགས་གངས་རི་ཡི
དབུ་རྒྱན་མཐོན་པོ་དགོང་ལ་ནི་ཟུག་ཡོད
གཡུ་རལ་སྟོང་ལྡན་གྱི་གངས་སེང་ཞིག་དེ་ན་ཡོད
ཁྱོད་དང་ང་ཡི་བླ་མཁར་སྨུག་པོ་རུ་བསུས་མྱོང ད་དུང་མང་།



རྩོམ་པ་པོ་་་་་ཤར་གངས་ཕྲུག
ལྷ་ཁང་ནང་གི་བཅད་རྩོམ།
མཚན་དཔེས་རྒྱན་པའི་ལང་ཚོ་བརྗིད།།
བརྗིད་པའི་མཛེས་པ་ལུས་ལ་ཁྱབ།།
ཁྱབ་པའི་གཟི་བྱིན་འོད་སྟོང་འབར།།
འབར་བའི་སེམས་ཡང་མཛེས་པར་གྱུར།།
ད་དུང་མང་།



རྩོམ་པ་པོ།…..བློ་གྲོས་སྣང་བ།
ལྔ་བརྒྱད་ལོ་ལ་བཀྲེས་ལྟོགས་སྐོམ་པས་མནར།།
དྲུག་ཅུ་ལོ་ཟླ་གཞུང་གི་ལས་ཀས་ངལ།།
དུས་ཀྱི་ལམ་ན་སྡུག་བསྔལ་ཁུར་བོ་ཞིག།
ཕྲག་པའི་གོང་ནས་ཕབ་པའི་དུས་མ་བྱུང་།།
ད་དུང་མང་།



ཤར་གངས་ཕྲུག
་་་་་་་་་་་ཆོས་གྲོགས་ཞིག་ལ།
ཨེ་མ་སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུ།།
མཐར་ཐུག་ཆོས་སྐུ་རིན་ཆེན་འཁོར་བའི་མྱི།།
འཁོར་བ་ཞེས་བྱ་འགྲོ་བ་རིགས་ཀྱི་གནས།།
ཀྱི་ཧུད་སྲིད་ཆགས་རིགས་འདི་སྡུག་གི་མཚོ།།
ད་དུང་མང་།